教学资料

作业习题

བསམ་གཞིགས་སྦྱང་བྱ།

སྤྱིར་བཤད་པ།

༡  གྲུབ་པ་ལུས་ཀྱི་གནས་ལ་ཐོག་མར་བསླབ་དགོས་པའི་དོན་ཅི་ཡིན།

༢  བོད་ཀྱི་གསོ་བ་རིག་པའི་རོ་བཀྲའི་སྐོར་གྱི་དཔེ་གཞུང་གང་དག་ཡོད།

ལེའུ་དང་པོ།  བཤད་པའི་རྒྱུད་ཀྱི་སྡོམ་ཚིག

༡  རྩ་བ་བཞི་ལས་ཡན་ལག་བཅུ་གཅིག་གྱེས་ཚུལ་ཅི་ལྟར་ཡིན།

༢  འགྲོ་བ་རིགས་དྲུག་ལས་མིའི་ལུས་རྟེན་འདི་མཆོག་གམ་གཙོ་བོ་ཡིན་པའི་རྒྱུ་མཚན་ཅི་ཡིན།

༣  བཤད་པའི་རྒྱུད་ཀྱི་བསྟན་དོན་གནས་བཅུ་གཅིག་དང་ཡན་ལག་བཅུ་གཅིག་ལ་ཁྱད་པར་གང་ལྡན་ཡོད་དམ།

༤  བཤད་རྒྱུད་ཀྱི་སྟོན་པར་སྨྲ་བའི་སེང་གེ་ཞེས་བཏགས་དགོས་པའི་རྒྱུ་གང་ལྡན་ཡོད་དམ།

ལེའུ་གཉིས་པ།  ལུས་ཀྱི་ཆགས་ཚུལ།  

༡  ལུས་ཆགས་པའི་རྒྱུ་རུ་འཛིན་པའི་ཟླ་མཚན་ནམ་ཁམས་དམར་དེ་དང་མངལ་ཁྲག་གི་སྙིགས་མ་ཟླ་མཚན་གཉིས་ཀྱི་བར་ལ་ཁྱད་པར་དང་འབྲེལ་བ་ཅི་ཡོད།

༢  ཟླ་མཚན་ལྡན་པའི་བུད་མེད་དེར་མངལ་ལེན་དུ་རུང་བའི་དུས་ངེས་པ་ཅན་དེ་གང་ཡོད།

༣  མངལ་གནས་བྱིས་པ་བུ་ཕོར་སྐྱེས་པར་བྱེད་པའི་ཐབས་དེ་དག་ལས་གང་ཞིག་ནུས་པ་བཙན་པར་འཇོག་གམ།

༤  མངལ་ཆགས་པའི་འཕེལ་བའི་རྒྱུ་ལྟེ་བ་དེ་མ་བུ་གང་གི་ལྟེ་བ་ཡིན།

༥  མངལ་གནས་འཕེལ་རིམ་བདུན་ཕྲག་ལ་དབྱེ་དགོས་དོན་གང་ཡིན།

༦  མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས།། ཞེས་པའི་ལྟེ་བ་དེ་གང་ལ་གོ་དགོས།

༧  མངལ་གནས་འཕེལ་བའི་གནས་སྐབས་གསུམ་པོ་དེ་ལ་བསམ་གཞིགས་ཀྱི་རིན་ཐང་གང་དག་ཡོད།

ལེའུ་གསུམ་པ།  ལུས་ཀྱི་འདྲ་དཔེ།

༡  ཕུང་བོ་ཞེས་པའི་དོན་གང་ཡིན།

༢  འདྲ་དཔེ་ཕུང་པོའི་གནས་ལུགས་བསྟན་པའི་དགོས་པ་གང་ཡིན།

༣  བཤད་རྒྱུད་དང་མན་ངག་རྒྱུད་ལས་བསྟན་པའི་ལུས་ཀྱི་འདྲ་བའི་དཔེ་ལ་རྩ་བའི་ཁྱད་པར་གང་དང་གང་ཡོད།

ལེའུ་བཞི་པ།  ལུས་ཀྱི་གནས་ལུགས།

༡  ལྡང་ཚད་ཅེས་པའི་གོ་དོན་གང་ཡིན།

༢  ལྡང་ཚད་བསྟན་པའི་དགོས་པ་གང་ཡིན།

༣  དེང་རབས་གསོ་རིག་དང་བསྡུར་ན་རང་གཞུང་དུ་རུས་པའི་དུམ་བུ་གང་དག་ལྷག་མར་བགྲང་ཡོད།

༤  ཆུ་རྒྱུས་ཀྱི་ཁྱད་པར་དང་འབྲེལ་བ་གང་ཡིན།

༥  དོན་སྣོད་གྱི་གོ་དོན་དང་འབྲེལ་འབྱོར་ཅི་ལྟར་ཡིན།

༦ ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉེར་བཞི་གང་དག་ཡིན།  དེ་དག་གི་གྱེས་ཚུལ་ཅི་ལྟར་ཡིན།

༧  ཀླད་པའི་གནས་ལུགས་དང་གྲུབ་ཆ་སོགས་ཅི་ལྟར་ཡིན།

༨  ནང་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་གྱི་གྱེས་གཞི་དང་གྱེས་ཚུལ་ཅི་ལྟར་ཡིན

༩  ཡན་ལག་ཕྱི་འབྲེལ་མངོན་པའི་ཆུ་རྩ་དྲུག་གི་གྱེས་གཞི་དང་གྱེས་ཚུལ་ཅི་ལྟར་ཡིན།

༡༠  ཚེ་ཡི་རྩ་གསུམ་གྱི་ངོས་འཛིན་ཅི་ལྟར་ཡིན།

༡༡  དོན་སྣོད་ཀྱི་གནད་བཅུ་གསུམ་གང་དག་ཡིན།

༡༢  ནང་གི་བུ་ག་བཅུ་གསུམ་ལ་འདྲེན་ཚུལ་མི་འདྲ་བ་གང་དག་ཡོད།

ལེའུ་ལྔ་པ།   ལུས་ཀྱི་མཚན་ཉིད།

༡  གནོད་བྱ་དང་གནོད་བྱེད་ཅེས་པའི་དོན་གང་ཡིན།

༢  མེ་དྲོད་ཀྱིས་ཁ་ཟས་འཇུ་ཚུལ་གྱི་ཞིབ་ཕྲའི་གོ་རིམ་ཅི་ལྟར་ཡིན།

༣ དྭངས་མ་དང་སྙིགས་མ་སོ་སོའི་འགྱུར་ཚུལ་ཅི་ལྟར་ཡིན།

༤  འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས།།  ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད།། ཅེས་པ་འགྲེལ་ཚུལ་མི་འདྲ་བ་གང་དག་ཡོད།

༥  ལུས་ཟུངས་དང་པོ་ཁ་ཟས་ཀྱི་དྭངས་མ་ནས་ཁུ་བ་ལ་འགྱུར་བར་དུས་ཅི་དགོས།  འགྱུར་ཚུལ་ཅི་ལྟར་ཡིན

༦ རོ་ཙའི་གཉེན་པོས་འཕྲལ་དུ་ཁུ་བ་སྐྱེད་པ་དང་སྨན་རྣམས་ཕལ་ཆེར་ཞག་གཅིག་ལ་ལས་བྱེད་པའི་རྒྱུ་མཚན་གང་ཡིན།

༧  ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྲངས་དང་གོ་རིམ་དེ་ལྟར་ངེས་པའི་རྒྱུ་མཚན་གང་ཡིན།

༨  རང་བཞིན་བདུན་པོ་དེ་དག་ཅི་ལྟར་འགྱུར་རམ།

༩  ཉེས་གསུམ་སོ་སོའི་གནས་ས་དང་བྱེད་ལས་ཅི་ལྟར་ཡིན

༡༠  རླུང་གི་མཚན་ཉིད་ཡང་བ་དང་མཁྲིས་པའི་མཚན་ཉིད་ཡང་བ་ལ་ཁྱད་པར་གང་ཡོད།

༡༡  མཁྲིས་པའི་མཚན་ཉིད་སྣུམ་བཅས་དང་བད་ཀན་མཚན་ཉིད་སྣུམ་པ་ལ་ཁྱད་པར་གང་ཡོད།

༡༢  རླུང་གི་མཚན་ཉིད་གྲང་བ་དང་བད་ཀན་གྱི་མཚན་ཉིད་བསིལ་བ་ལ་ཁྱད་པར་གང་ཡོད།

ལེའུ་དྲུག་པ།  ལུས་ཀྱི་ལས་དང་དབྱེ་བ།

༡  ལུང་མ་བསྟན་པའི་ལས་ཞེས་པ་གང་ཡིན།

༢  ན་ཚོད་ཀྱི་དབྱེ་བ་བསྟན་པ་དེ་རྒྱུ་མཚན་གང་ལ་བལྟོས་ནས་དབྱེ་དགོས།

ལེའུ་བདུན་པ།  ལུས་ཀྱི་འཇིག་ལྟས།

༡  ལུས་ཀྱི་འཇིག་ལྟས་སམ་འཆི་ལྟས་ལ་བསླབ་པའི་དགོས་པ་གཙོ་བོ་གང་ཡིན།

༢  ཉེ་བའི་འཆི་ལྟས་རྣམས་ཅི་ལྟར་ཡིན།

༣  ལུས་ཐོག་མར་ཆགས་པའི་སྐབས་ཀྱི་དབང་པོ་ལྔའི་ཆགས་ཚུལ་དང་དབང་པོ་ལྔ་ཐིམ་ཚུལ་གྱི་སྔ་ཕྱི་གོ་རིམ་བར་འབྲེལ་བ་གང་ཡོད།

༤  ཉེ་བ་དང་ངེས་པའི་ལྟས་ལ་གསོ་ཐབས་ཡོད་དམ།  ཅིའི་ཕྱིར།

版权所有 Copyright(C)2015-2020 甘南藏族自治州卫生学校 陇ICP备16002830号

地址:甘南藏族自治州合作市人民东街52号